མདུན་ཤོག    > རྩོམ་རིག > སྙན་རྩོམ།
ཡུལ་གྱར་བུ་ཡི་འཁྲེང་སེམས།
ཨོ་རྒྱན་དོན་གྲུབ། 2011ལོའི་ཟླ 07ཚེས 07ཉིན་དང་། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།

ཕྱོགས་བཞིའི་གངས་རི་གནམ་ལ་བསྙེགས་ཤིང་ཁ་བའི་མེ་ཏོག་འཛུམ་མདངས་གྲོལ།།
ངོ་མཚར་རི་བོ་ཚལ་དུ་དངར་ཞིང་ལྗོན་ཤིང་ནགས་ཚལ་ཚང་ཚིང་འཁྲིགས།།
མུ་མེད་སྤང་གཞུང་ནེའུ་གསེང་སྔོན་མོར་མེ་ཏོག་དཀར་དམར་ཕྲ་ཚོམ་བརྒྱན།།
སུམ་རྩེན་ལྷ་ཡུལ་ཞིང་འདིར་བརྡོལ་ཞེས་རྒྱང་གི་མགྲོན་པོས་ཡིད་སྨོན་ཤོར།།
 
གསེར་དངུལ་ཟངས་སོགས་དགོས་འདོད་ནོར་བུ་དབྱིག་འཛིན་བུ་མོའི་མངལ་དུ་སྦྲུམ།།
མི་འདོད་ནད་རིགས་ཀུན་ནས་འཇོམས་མཛད་རྩྭ་རྩི་སྨན་རིགས་རི་ལུང་ཁེངས།།
ཕ་ཡུལ་ལུང་བ་ནོར་གྱིས་གཏམས་པས་ཕྱོགས་བཞིས་དམིགས་འབེན་ཡུལ་འདིར་ཕྱོགས།།
ཞིང་འབྲོག་མང་ཚོགས་འཚོ་བ་རྒྱས་ཤིང་སྔོན་ཐོན་གྲོང་ལ་སྤོབས་པས་འཇུག །
 
ནས་རྡེའུ་ཕྱུག་མོས་ཀླུ་ཡི་འབྱོར་བ་དགེ་བཅུའི་ཕུན་ཚོགས་ཞིང་འདིར་འདྲེན།།
བཞག་བྲ་ལྷ་རྩེའི་མཚན་གྱི་སྙན་པ་ཕྱོགས་བཅུའི་ཐ་གྲུ་ཡངས་པོར་ཁྱབ།།
གངས་དཀར་རི་བོའི་དགེ་མཚན་དྭངས་མ་སྐྱེ་དགུའི་མིག་གི་དགའ་སྟོན་བཤམས།།
རྒྱུ་ལ་ཕྲ་མོ་འགག་སྒོ་བཙན་པོ་སྐུ་རྒྱལ་བོད་ཀྱི་སོ་བར་འགྲེང་།།
 
མི་ཉག་གསེར་སྡོང་མཆོག་སྤྲུལ་དམ་པའི་ཐུགས་བསྐྱེད་ལྷག་བསམ་མངལ་ལས་འཁྲུངས།།
ཞི་བདེ་ཆོས་ཚོགས་འབུམ་ཤོང་ར་བ་སྔར་མེད་གསར་མཛད་གངས་རིའི་དཔལ།།
མགོན་གཅིག་ཕྱག་ན་པད་མོའི་གདན་ས་མགར་ལྗོངས་ཕྱུག་མོ་སྙན་གྲགས་འབར།།
རྣམ་རྒྱལ་མཆོད་རྟེན་མཁའ་ལ་འགྱིང་ཞིང་དད་ལྡན་བསོད་ནམས་དཔལ་གྱིས་འགུགས།།
 
སྟོན་གྱི་སྙེ་མ་རླུང་གིས་བསྐྱོད་ཅིང་རྒྱ་མཚོའི་རླབས་ཀྱི་དཔལ་ལ་འགྲན།།
འབྲུ་རིགས་སྣ་ལྔས་བང་མཛོད་བཀང་བས་ཞིང་པ་རྒད་པོ་འཛུམ་ཆུང་བཞད།།
འབྲུ་མོའི་ངུར་སྒྲས་ན་ཆུང་བུ་མོའི་སྐྱིད་པའི་གཉིད་ཀྱི་ལས་དབང་བཅོམ།།
མར་ཕྱུར་སྤུངས་བ་རི་དང་མཉམ་ཚེ་འབྲོག་པ་རྒན་མོའི་ཡིད་སེམས་ཚིམ།།
 
གནམ་ལོ་གསར་བའི་ཚེས་བཟང་དང་ནི་དུས་སྟོན་བཟང་པོ་དཔལ་གྱིས་བསླེབས།།
བསང་དུ་སྔོན་མོ་ལང་ལོང་འཁྲིགས་ཤིང་མཁའ་དབྱིངས་སྤྲིན་དཀར་མགུལ་དུ་འཁྱུད།།
གཡང་དཀར་མ་མོ་རི་ལ་རྒྱག་འདྲའི་སྦྲ་གུར་མཛེས་སྡུག་མཐའ་མི་མངོན།།
གསེར་དངུལ་གཡུ་བྱུར་རིན་ཆེན་ནོར་བུས་གཞོན་ནུའི་ལང་ཚོའི་རྒྱན་དུ་བཀྲ།།
 
གཅིག་ལས་གཅིག་མཛེས་བརྗིད་ཆགས་ཁང་པ་ས་གཞི་འཛིན་མའི་ལྟོ་བར་བརྗིད།།
ར་བའི་ཟུར་དང་ཚོན་ཐག་སྟེང་ན་སྒོ་དར་རླུང་གིས་ལྷབ་ལྷུབ་བསྐྱོད།།
འདོ་རིགས་རྟ་ཕོའི་རྨིག་བཞིའི་གོམ་སྒྲ་འཕྲུལ་གྱི་རྟ་ཕོའི་དབྱངས་དང་བསྡེབས།།
སྟག་ཤར་གཞོན་ནུས་གང་དགར་བཞོན་ཞིང་བདེ་བའི་སྣང་སྐྱིད་ཀྱིས་འདྲེན།།
 
གཤིས་ཆུ་མགར་ཆུ་གཡུ་འབྲུག་འཁྱུག་འགྲོ་ནོར་འཛིན་མ་མའི་པང་ན་རྩེན།།
ས་འཛིན་རི་བོའི་རྩེ་དང་མཉམ་པའི་ཐོག་རྩེག་ཁང་བཟང་བརྟན་ཞིང་བརླིང་།།
ཆེ་ཆུང་མི་མཚུངས་འཕྲུལ་ཆས་རིགས་མང་རང་རང་དམིགས་གཏད་ཕྱོགས་སུ་རྒྱུག།།
དུས་ཀྱི་སྐྱ་རེངས་ཚན་རྩལ་ཉི་འོད་དེང་རབས་འགྲོས་ཀྱིས་ཡུལ་འདིར་དྲངས།།
 
ལྟེ་ཁྲག་དྭངས་མ་མི་ཉག་རབ་སྒང་ས་ཡི་ཡང་སྙིང་ཕང་བར་འཕོས།།
ཆ་མེད་རྒྱུས་མེད་རྒྱང་ལམ་རིང་མོར་གཅེས་ཕྲུག་གོམ་པ་ལས་ཀྱིས་སྤོས།།
ཡུལ་གྱར་བུ་ཡིས་ཕ་ཡུལ་ཕྱོགས་ལ་དྲན་གདུང་རོལ་དབྱངས་སེམས་ཀྱིས་དཀྲོལ།།
སྨྱུག་རྩེ་ཕྲ་མོས་ཀུན་གྱི་མིག་སྔར་བདེ་མྱུར་སྟངས་སྟབས་ཐེངས་གཅིག་བསྒྱུར།།
 
 

 ལེ་ཚན་སྔོན་མ།:ཕྱོགས་ཞེན་ཕྲག་དོག་སྤོང་བར་གདམས་པ།
 ལེ་ཚན་རྗེས་མ།:རེ་སྒུག
རྒྱབ་སྐྱོར།།
( )
%
མོས་མཐུན་མེད།
( )
%
 
 
  ཁུལ་ནང་བསྟན་མཐུན་ཚོགས་སྐབས་བདུན་པས་ཐེ
  ཞི་ཅིན་ཕིང་གིས་ཞིང་སྡེའི་མི་སྡོད་ཁོར
 སི་ཁྲོན་ནུབ་རྒྱུད་བོད་ཁུལ་ཀྱི་སྐྱེ་ཁམས
  དཀར་མཛེས་ཁུལ་གྱི་ནང་བསྟན་མཐུན་ཚོགས་དབ
 སྐབས་བདུན་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན
 སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར
 སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར
 པི་ཝང་གི་རྒྱང་སྒྲོག་ལུས་སྦྱོང་ལ་བརྟེན་
 སྐབས་གསུམ་པའི་ཀླུ་ནང་ལ་བསྐོར་བའི་ལྕགས་
 ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་གྲོས་ཞུགས་ཁ
 ཞི་ཅིན་ཕེན་གྱིས་འབར་མའི་རྒྱལ་སྲུང་དམག་
 ལིས་ཁི་ཆང་གིས་ཝུན་ལའེ་དང་ཐེ་གོ ཡའོ་ནན་
 རྒྱལ་ཡོངས་ཀྱི་ལས་བྱེད་སློབ་གསོའི་གསོ་ས
 གློག་བརྙན༼བདེ་སྐྱིད་མེ་ཏོག༽ལ་འཇར་མན་ཁི
 བདེ་ཆེན་ཁུལ་གྱིས་སྐབས་བདུན་པའི་ལས་བྱེད
  ཁུལ་ནང་བསྟན་མཐུན་ཚོགས་སྐབས་བདུན་པས་ཐེ
  ཞི་ཅིན་ཕིང་གིས་ཞིང་སྡེའི་མི་སྡོད་ཁོར
 སི་ཁྲོན་ནུབ་རྒྱུད་བོད་ཁུལ་ཀྱི་སྐྱེ་ཁམས
  དཀར་མཛེས་ཁུལ་གྱི་ནང་བསྟན་མཐུན་ཚོགས་དབ
 སྐབས་བདུན་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན
 སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར
 སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར
 པི་ཝང་གི་རྒྱང་སྒྲོག་ལུས་སྦྱོང་ལ་བརྟེན་
 སྐབས་གསུམ་པའི་ཀླུ་ནང་ལ་བསྐོར་བའི་ལྕགས་
 ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་གྲོས་ཞུགས་ཁ
 ཞི་ཅིན་ཕེན་གྱིས་འབར་མའི་རྒྱལ་སྲུང་དམག་
 ལིས་ཁི་ཆང་གིས་ཝུན་ལའེ་དང་ཐེ་གོ ཡའོ་ནན་
 རྒྱལ་ཡོངས་ཀྱི་ལས་བྱེད་སློབ་གསོའི་གསོ་ས
 གློག་བརྙན༼བདེ་སྐྱིད་མེ་ཏོག༽ལ་འཇར་མན་ཁི
 བདེ་ཆེན་ཁུལ་གྱིས་སྐབས་བདུན་པའི་ལས་བྱེད
Copyright @ 2010 kbcmw.com Inc. All rights reserved
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ནི་ཁམས་པའི་གསར་འགྱུར་དྲ་ཚིགས་ལ་དབང་བས་གང་མོས་ཀྱིས་བཀོལ་སྤྱོད་མི་བྱེད་པར་མཁྱེན།
འབྲེལ་གཏུག་བྱ་ཡུལ།དཀར་མཛེས་ཁུལ་དར་མདོ་རྫོང་འོད་གསལ་ལམ་ཁམས་པའི་བོད་ཡིག་ཚགས་པར་ཁང་།
གློག་འཕྲིན་ཡིག་སྒམ། :kbacmw@163.com ཁ་པར།:86836-2835733 蜀ICP备08005120号